How to Apply

 

2026 University of Virginia Tibetan Entrepreneurs Fellowship Program Student Application
༢༠༢༦ ལོའི་ཝིར་ཇི་ནིས་ཡ་སློབ་ཆེན་བོད་མི་ལས་གཏོད་པའི་དྲྭ་ཐོག་དང་དངོས་ཞུགས་གཉིས་ཀྱི་གསབ་སྦྱོང་ལས་གཞི། གསབ་སྦྱོང་པའི་སྙན་ཞུའི་འགེངས་ཤོག

སྙན་ཞུ་བསྐུར་མཁན་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན།
Applicant Requirements (non-optional):

    • དབྱིན་སྐད་དང་དབྱིན་ཡིག་གི་འབྲི་ཀློག་ལ་བྱང་ཆ་ལེགས་པོ་ཡོད་པ།
      Good knowledge of spoken and written English
    • མ་མཐར་ཡང་བོད་སྐད་བཤད་པར་དཀའ་ངལ་མེད་པ།
      Fluency in at least spoken Tibetan
    • ཚོང་ལས་ཀྱི་ཕྱོགས་ནས་ཉུང་མཐའ་ཡང་ལོ་གཉིས་ཀྱི་མཉམ་མྱོང་ཡོད་པ།
      At least two years’ experience in business
    • བོད་ཀྱི་མི་བརྒྱུད་ཡིན་པ།
      Tibetan ethnicity
    • Between the ages of 25 and 40
      ལོ་༢༥ ནས་༤༠ བར་ཡིན་པ།
    • Commitment to take part in all program sessions, online and in-person
      དྲ་ཐོག་འཛིན་གྲྭ་དང་དངོས་ཞུགས་གསབ་སྦྱོང་གཉིས་ལ་ཞུགས་རྒྱུ་ཁས་ལེན་བྱ་ཐུབ་པ།

 

སྙན་ཞུའི་དུས་ཚོད།
Application Timeline

        • སྙན་ཞུའི་འབོད་སྐུལ། ༢༠༢༦ ལོའི་ཟླ་༣ ཚེས་༡ ཉིན།
          Call for Applications: March 1, 2026
        • སྙན་ཞུའི་དུས་བཀག་ནི་ ༢༠༢༦ ལོའི་ཟླ་༤ ཚེས་ ༣༠ ཉིན་བར་དུ་ཡིན་ལ། ༢༠༢༦ ལོའི་ཟླ་ ༣ ཚེས་༣༠ ཉིན་གྱི་སྔོན་ལ་སྙན་ཞུ་བསྐུར་མཁན་དག་ལ་དམིགས་བསལ་ཡོད།
          Application Deadline: March 30, 2026, for priority consideration, applications are accepted until April 30, 2026
        • སྙན་ཞུའི་ཞིབ་ལྟ་དང་དེའི་རྗེས་ཀྱི་ངོ་རྒྱུགས་སོགས་དེ་མ་ཐག་ཏུ་འགོ་བཙུགས་རྒྱུ་ཡིན་པ་དང་། ༢༠༢༦ ལོའི་ཟླ་༥ ཚེས་༣༠ ཉིན་གྱི་སྔོན་ལ་ངོ་རྒྱུགས་ཚང་མའི་མཇུག་སྒྲིལ་རྒྱུ་ཡིན། ཡིད་འཇོག་བྱ་རྒྱུ་ཞིག་ལ་སྙན་ཞུ་བསྐུར་མཁན་ཚང་མ་ངོ་རྒྱུགས་སུ་ཞུགས་མི་ཐུབ་པར་དགོངས་འཇག་འཚལ།
          Application Review and fellowship interviews: Review begins immediately, and interviews completed by May 30, 2026. NOTENot every applicant will be granted an interview.
        • ཚོགས་ཞུགས་གདམ་ཐོན་དག་རིམ་པ་ལྟར་གསལ་བསྒྲགས་ཞུ་རྒྱུ་ཡིན་ལ། མཐའ་མའི་གདམ་ཐོན་པ་དེ་༢༠༢༦ ལོའི་ཟླ ༣ ཚེས ༣༠ ཉིན་གྱི་སྔོན་ལ་གསལ་བསྒྲགས་བྱ་རྒྱུ་ཡིན།
          Decisions will be made on a rolling basis, with finalists confirmed on or before May 30, 2026.

༢༠༢༦ ལོའི་ཟླ་༣ ཚེས་༣༠ ཉིན་གྱི་སྔོན་ལ་སྙན་ཞུ་བསྐུར་མཁན་དག་ལ་དམིགས་བསལ་ཡོད་ཀྱང་། ༢༠༢༦ ལོའི་ཟླ་༤ ཚེས་༣༠ ཉིན་ནི་སྙན་ཞུ་བསྐུར་བའི་མཐའ་མཇུག་གི་ཉིན་མོ་ཡིན། ང་ཚོས་འདུན་པ་ཡོད་མཁན་དག་ལ་༢༠༢༦ ལོའི་ཟླ་༣ ཚེས་༣༠ ཉིན་གྱི་སྔོན་ལ་སྙན་ཞུ་བསྐུར་རྒྱུ་ནན་སྐུལ་བྱེད་བཞིན་ཡོད།
Applications submitted by March 30,2026 will be prioritized, but we will accept applications up to April 30, 2026. We strongly encourage people to apply by March 30, 2026.

ཚང་མས་ཡིད་འཇོག་བྱ་དགོས་པ་ཞིག་ལ། ང་ཚོས་ལོ་རེར་བསྐུར་བའི་སྙན་ཞུ་ལ་བལྟས་ཏེ་གདམ་ཐོན་བྱ་རྒྱུ་ཡིན་པ་ལས། གདམ་ཐོན་པ་སུས་དྲ་ཐོག་གི་འཛིན་གྲྭ་མི་ཞུགས་པའམ་ཡང་ན་སྣང་མེད་བྱས་ཚེ། དངོས་ཞུགས་ལས་གཞིར་གདན་འདྲེན་མི་ཞུ་བའང་འབྱུང་སྲིད།
Please note that every year we evaluate candidates based on all applications submitted that year. Not all applicants will be granted an interview. Finalists who are not sufficiently engaged in the online program may not be invited to participate in the in-person program.

ལས་གཞི་སྐོར་གྱི་འབྲེལ་བ་གློག་འཕྲིན་(email)ཁོ་ནར་བརྒྱུད་ནས་བྱ་རྒྱུ་ཡིན་པས། སྙན་ཞུ་བསྐུར་མཁན་ཚོས་རྒྱུན་དུ་རང་གི་གློག་འཕྲིན་ལ་བལྟ་རོགས།
Program correspondence takes place by email only. Applicants should monitor their email addresses regularly.

གལ་སྲིད་ཁྱེད་ལ་ལས་གཞི་དང་སྙན་ཞུ་བསྐུར་སྟངས་སོགས་ཀྱི་སྐོར་ནས་དྲི་བ་ཡོད་ཚེ། ཝིར་ཇི་ནིས་ཡ་སློབ་ཆེན་གྱི་ལས་གཞི་གོ་སྒྲིག་པ་ཀླུ་རྒྱལ་ལ་གློག་འཕྲིན་འདི་(lg6dn@virginia.edu)བརྒྱུད་ནས་འབྲེལ་བ་གནང་རོགས།
If you have any questions please contact UVA’s program manager, Lugyal(lg6dn@virginia.edu).